[97B] ཨཱརྱ་མཻ་ཏྲི་པྲ་ ཏི་ཛྙཱ་ནཱ་མ་དྷ་ར་ཎཱི། བོད་སྐད་དུ། །འཕགས་པ་བྱམས་པས་དམ་བཅས་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྒྱལ་བ་བྱམས་ [98A]༄༅། །པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡ་ཡ། །ན་མོ་བྷ་ག་ཝ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷ་ཡ། ཏདྱ་ཐཱ་ ཨོཾ་ཨ་ཛི་ཏེ་ཨ་ཛི་ཏེ། ཨ་པཱ་རཱ་ཛི་ཏེ། ཨ་ཛི་ཏཉྫ་ཡ། ཧ་ར་ཧ་ར། མཻ་ཏྲི་ཨ་བ་ལོ་ཀི་ཏེ། ཀ་ར་ཀ་ར། མ་ཧཱ་ས་མ་ཡ་སིདྡྷི། བྷ་ར་བྷ་ར། མ་ཧཱ་བོ་དྷཱི་མཎྜ་བི་ཛེ། སྨ་ ར་སྨ་ར། ཨཱསྨ་ཀཾ་ས་མ་ཡ། བོ་དཧི་བོ་དཧི། མ་ཧཱ་བོ་དཧི་སཱཧཱ། རྩ་བའི་སྔགས་སོ། །ཨོཾ་མོ་ཧི་མོ་ཧི། མ་ཧཱ་མོ་ཧི་སཱ་ཧཱ། སྙིང་པོའོ། །ཨོཾ་མུ་ནི་མུ་ནི་སྨ་ར་སཱ་ཧཱ། ཉེ་བའི་ སྙིང་པོའོ། །གཟུགས་འདི་ཉན་པ་ཙམ་དང། །ཀློག་པ་དང། ཁ་ཏོན་བྱེད་པ་དང། ཚུལ་བཞིན་དུ་ཡིད་ལ་སེམས་པ་དང། བསྒོམས་པ་ཙམ་གྱིས་གང་གི་ཚེ་ བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་ན་བདག་གིས་སེམས་ཅན་དེ་ངེས་པར་བཙལ་ བར་བགྱི་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་རི་དྭགས་དང། བྱ་རྣམས་ ཀྱི་རྣ་ཁུང་དུ་སྒྲོག་པར་བྱེད་ན། དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་འཐོབ་བོ་།འདི་ཐོས་པ་ཙམ་གྱིས་ནམ་དུ་ཡང་ངན་ [98B] །ངན་སོང་གི་དྲི་མས་ཀྱང་མི་གོས་སོ། །མིའི་མངལ་དུ་ཡང་མི་སྐྱེའོ། །ལྷའི་བསྐལ་པ་སྟོང་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར་རོ། །ཇི་ལྟར་བསམ་ཞིང་དོན་དུ་གཉེར་བའི་ལོངས་སྤྱོད་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས། བདག་གིས་ ཀྱང་སེམས་ཅན་དེ་བསྐྱུད་པར་མི་བགྱི་ལགས་སོ། །ངེས་པར་བདག་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ནས་དེ་ཇི་ལྟར་གྱུར་ཀྱང་རུང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ། །འཕགས་པ་བྱམས་པས་དམ་བཅས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཛྲ་པཱ་ ཎི་དང། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་